མ་དཔེ།

 གློག་བརྙན་སློབ་སྟོན་འདི་ སློབ་ཁང་ནང་ག་ཅི་འབད་ ལག་ལེན་འཐབ་སྨོ? 

༡༽ ལྷབ་སྦྱངས་འབད་མི་ཚུ་ལུ་ མནོ་བསམ་བརྟག་ཞིབ་དང་དགོངས་དོན་ལེགས་ཤོམ་སྦེ་ བཤད་པ་ཐོག་ལས་གོ་ནི་ལུ་ སེམས་ཤུགས་བསྐྱེད་བཅུགཔ་ཨིན། 

༢༽ ལྷབ་སྦྱངས་འབད་མི་ཚུ་ ག་ཏེ་ལུ་ཡང་རང་རྐྱང་སྦེ་ལྷབ་སྦྱངས་འབད་ནི་ གོ་སྐབས་ཐོབ་ཨིན། 

༣༽ སེམས་ལས་མ་བརྗེད་པར་བཞག་ནི་དང་ པར་སྟོན་ཐོག་ལས་ལྷབ་སྦྱངས་འབད་མི་ཚུ་ལུ་ སེམས་ཤུགས་བྱིན་ནི་དང་པར་སྟོན་ལྷབ་སྦྱངས་ནང་ པར། ཡི་ག། ཐོས་སྒྲ་དང་ གློག་བརྙན་ཚུ་དགོཔ་ཨིན། 

༤༽ ལྷབ་སྦྱང་འབད་ནིའི་ཉམས་མྱོང་དང་ སེམས་ཤུགས་ཡང་ན་ སྐུལ་མ་འབད་ནི་ཚུ་ རྒྱ་བསྐྱེད་ཡར་རྒྱས་གཏང་ནི།

སློབ་ཁང་ནང་ལུ་ བརྡ་དོན་འཕྲུལ་རིག་ལག་ལེན་གྱི་གནས་རིམ་གསུམ་བཤད་པ་རྐྱབ།

༡༽ བརྡ་དོན་འཕྲུལ་རིག་ལག་ལེན་གྱི་གནས་རིམ་གསུམ་ཡང་ གཞི་རིམ་ནང་ལུ་ བརྡ་དོན་འཕྲུལ་རིག་ལག་ལེན་འཐབ་ཐངས། དེ་ཡང་ པར་གློག་བརྙན་དང་འགུལ་བརྙན་ཙམ་ཅིག་ཐོག་ལས་སྟོན་ནི་དང་ ཤོག་ཁྲམ་ནང་ལུ་རྩིས་བཏོན་ནི་ དང་ཐོ་བཞག་ནི།

 ༢༽ བར་རིམ་ནང་ལུ་བརྡ་དོན་འཕྲུལ་རིག་ལག་ལེན་འཐབ་ཐངས། དེ་ཡང་ པར་གློག་རིག་ཐོགས་ལས་ངོ་མ་བཟུམ་བཟོ་ནིའི་ལཱ་འབད་བཏུབ་འབད་དགོཔ་ཨིན། མཉེན་ཆས་སློབ་སྟོན་ལས་དགོངས་དོན་སློབ་སྦྱང་ལེགས་ཤོམ་ཧ་གོ་ཚུགས་ནི་དང་ གློག་རིག་ཐོག་ལས་དབྱེ་ཞིབ་དང་ཐོ་བཞག་ནི་ལུ་གོ།  

༣༽ གོང་རིམ་ནང་ལུ་བརྡ་དོན་འཕྲུལ་རིག་ལག་ལེན་འཐབ་ནི་ དེ་ཡང་ སྦྱོང་ལཱ་ནང་ལུ་ གློག་རིག་ཐོག་ལས་ཕན་ཁུངས་དང་ཁ་སྐོང་འབད་ཚུགས། དཀའ་ངལ་སེལ་ཐབས། ཤེས་ཡོན་གོ་སྐབས་དང་ སློབ་ཕྲུག་ཚུ་སློབ་སྦྱོང་འབད་ནི་ཡར་རྒྱས་གཏང་ཚུགས་མི་ལུ་གོ།

སློབ་ཁང་ནང་ལུ་བརྡ་དོན་འཕྲུལ་རིག་འབྲེལ་མཐུན་ཟེར་མི་འདི་ག་ཅི་བཟུམ་ལུ་སླབ་སྨོ།

སློབ་ཁང་ནང་ལུ་བརྡ་དོན་འཕྲུལ་རིག་འབྲེལ་མཐུན་ཟེར་མི་འདི་ སློབ་སྟོན་འབདཝ་ད་ལུ་ བརྡ་དོན་འཕྲུལ་རིག་ལག་ལེན་འཐབ་ཐོག་ལས་སློབ་སྟོན་འབད་མི་ལུ་གོ། སློབ་སྟོན་འབདཝ་ད་ སློབ་སྟོན་མཁོ་ཆས་འབད་བརྡ་དོན་འཕྲུལ་རིག་འབྲེལ་མཐུན་འདི་་ལག་ལེན་འཐབ་ཨིན། how to use technology making learning meaningful innovativeness learnersw with century skills

Comments

Popular posts from this blog

1. As teacher, which learning style would be appropriate or best for teaching primary children using ICT and why?