Posts

Showing posts from September, 2022

connecting with switch

lesson planning/ སློབ་སྟོན་འཆར་གཞི།

མ་དཔེ།

  གློག་བརྙན་སློབ་སྟོན་འདི་ སློབ་ཁང་ནང་ག་ཅི་འབད་ ལག་ལེན་འཐབ་སྨོ?  ༡༽ ལྷབ་སྦྱངས་འབད་མི་ཚུ་ལུ་ མནོ་བསམ་བརྟག་ཞིབ་དང་དགོངས་དོན་ལེགས་ཤོམ་སྦེ་ བཤད་པ་ཐོག་ལས་གོ་ནི་ལུ་ སེམས་ཤུགས་བསྐྱེད་བཅུགཔ་ཨིན།  ༢༽ ལྷབ་སྦྱངས་འབད་མི་ཚུ་ ག་ཏེ་ལུ་ཡང་རང་རྐྱང་སྦེ་ལྷབ་སྦྱངས་འབད་ནི་ གོ་སྐབས་ཐོབ་ཨིན།  ༣༽ སེམས་ལས་མ་བརྗེད་པར་བཞག་ནི་དང་ པར་སྟོན་ཐོག་ལས་ལྷབ་སྦྱངས་འབད་མི་ཚུ་ལུ་ སེམས་ཤུགས་བྱིན་ནི་དང་པར་སྟོན་ལྷབ་སྦྱངས་ནང་ པར། ཡི་ག། ཐོས་སྒྲ་དང་ གློག་བརྙན་ཚུ་དགོཔ་ཨིན།  ༤༽ ལྷབ་སྦྱང་འབད་ནིའི་ཉམས་མྱོང་དང་ སེམས་ཤུགས་ཡང་ན་ སྐུལ་མ་འབད་ནི་ཚུ་ རྒྱ་བསྐྱེད་ཡར་རྒྱས་གཏང་ནི། སློབ་ཁང་ནང་ལུ་ བརྡ་དོན་འཕྲུལ་རིག་ལག་ལེན་གྱི་གནས་རིམ་གསུམ་བཤད་པ་རྐྱབ། ༡༽ བརྡ་དོན་འཕྲུལ་རིག་ལག་ལེན་གྱི་གནས་རིམ་གསུམ་ཡང་ གཞི་རིམ་ནང་ལུ་ བརྡ་དོན་འཕྲུལ་རིག་ལག་ལེན་འཐབ་ཐངས། དེ་ཡང་ པར་གློག་བརྙན་དང་འགུལ་བརྙན་ཙམ་ཅིག་ཐོག་ལས་སྟོན་ནི་དང་ ཤོག་ཁྲམ་ནང་ལུ་རྩིས་བཏོན་ནི་ དང་ཐོ་བཞག་ནི།  ༢༽ བར་རིམ་ནང་ལུ་བརྡ་དོན་འཕྲུལ་རིག་ལག་ལེན་འཐབ་ཐངས། དེ་ཡང་ པར་གློག་རིག་ཐོགས་ལས་ངོ་མ་བཟུམ་བཟོ་ནིའི་ལཱ་འབད་བཏུབ་འབད་དགོཔ་ཨིན། མཉེན་ཆས་སློབ་སྟོན་ལས་དགོངས་དོན་སློབ་སྦྱང་ལེགས་ཤོམ་ཧ་ག...

གློག་བརྙན།

Image

ལྷབ་སྟོན་བརྡ་དོན་འཕྲུལ་རིག

  ༡༽ Information gather ཟེར་མི་འདི་ གནས་ཚུལ་བསྡུ་སྒྲིག་འབད་བའི་བྱ་རིམ་ཅིག་ལུ་གོ་ནི། ༢༽ Consumer ཟེར་མི་འདི་ བརྡ་དོན་འཕྲུལ་རིག་གི་མཐུན་རྐྱེན་ལག་ལེན་འཐལབ་མི་ཅིག་ལུ་སླབ་ཨིན། ༣༽ Prosumer ཟེར་མི་འདི་ བརྡ་དོན་འཕྲུལ་རིག་གི་མཐུན་རྐྱེན་ལག་ལེན་འཐབ་ཞིནམ་ལས་ ཡོན་ཏན་དང་རིག་པ་གིས་འབད་ རང་གི་གསར་སྐྲུན་འབད་ཚུགས་མི་ཅིག་ལུ་གོ། ༤༽ Digital Immigrant བརྡ་དོན་འཕྲུག་རི་ག་གིས་དུས་ལུ་མ་སྐྱེས་བའི་མི་ངོམ་ལུ་དགོ་ནི་ཨིན་རུང་ དུས་ཀྱི་འགྱུར་བ་དང་བསྟུན་ ལྷབ་སྦྱང་འབད་ནིའིགོ་སྐབས་འཐོབ་མི་ལུ་སླབ་ཨིན་མཨ།་ ༥༽ digital native བརྡ་དོན་འཕྲུལ་རིག་གིས་མཐུན་རྐྱེན་ལག་ལེན་འཐབ་ཚུགས་པའི་དུས་རབས་ལུ་སྐྱེས་བའི་ན་གཞོན་ཡང་ན་མི་ངོམ་ཅིག་ལུ་གོཝ་ཨིན་མས།

ལམ་སྟོན་ཐོག་ལས་ལྷབ་སྦྱངས།

1. As teacher, which learning style would be appropriate or best for teaching primary children using ICT and why?

 1. As teacher, which learning style would be appropriate or best for teaching primary children using ICT and why? ལྷབ་སྦྱང་འབད་ཐངས་ཀྱི་ལམ་ལུགས་གསུམ་ལས་ ང་གིས་འབད་བ་ཅིན་ ཕྱི་གཟུགས་གཡོག་བཀོལ་ནི་འདི་ འོས་འབབ་འདུག། དེ་ཡང་ ད་རིས་ནངས་པ་ འབད་བ་ཅིན་ སློབ་གྲྭ་ཁག་ལས་ཕར་ སློབ་ཕྲུག་གཙོ་བཏོན་གྱི་ལམ་ལུགས་ལག་ལེན་འཐབ་ཡོད་ནི་འདི་གིས་ སློབ་ཕྲུག་ཚུ་འབྲེལ་གཏོགས་འབད་བཞག་ནི་འདི་གིས་ ཨ་ལོ་ཚུ་གི་རྒྱུད་ལུ་ལྷབ་སྦྱང་མགྱོགས་དྲགས་སྦེ་འབད་ཚུགས་པས། དེ་མ་ཚད་ མནོ་རིག་གི་རིག་རྩལ་ཡར་རྒྱས་གཏང་ཚུགས་པས། བརྡ་དོན་འཕྲུལ་རིག་ལག་ལེན་འཐབ་ཐོག་ལས་ སློབ་སྟོན་འབད་བའི་སྐབས་ སློབ་ཕྲུག་གཙོ་བཏོན་གྱི་ཐོག་ལས་འབད་བ་ཅིན་ ཡོན་ཏན་འདི་ཡར་ངོའི་ཟླཝ་བཟུམ་སྦེ་ དར་ཤིང་རྒྱས་ནི་མས། དེ་མ་ཚད་རང་གི་ ལག་ལེན་དངོས་འཐབ་འབད་ཐོག་ལས་རང་གི་རྒྱུད་ལུ་ ཡོན་ཏན་དང་རིག་རྩལ་འདྲ་མིན་སྣ་ཚོགས་འཐོབ་ཚུགས་ཨིན་ལགས།