ལྷབ་སྟོན་བརྡ་དོན་འཕྲུལ་རིག།
ཤེས་ཡོན་གནས་ཚུལ་བསྡུ་ལེན་ཟེར་མི་འདི་ག་ཅི་སྨོ?
ཤེས་ཡོན་གནས་ཚུལ་བསྡུ་ལེན་ཟེར་མི་འདི་ ཤེས་ཡོན་དང་འབྲེལ་བའི་ལོ་རྒྱུས་དང་གནས་ཚུལ་ཚུ་ ཡོངས་འབྲེལ་དང་མི་ཚུ་ལས་ བསྡུ་ལེན་འབད་མི་ལུ་སླབ་ཨིན། དཔེར་ན་ འབྲུག་པའི་ངོ་རྟགས་ཀྱི་སྐོར་ལས་ལྷབ་ནི་ཨིན་པ་ཅིན་ ངོ་རྟགས་དེ་ཚུའི་སྐོར་ལས་ཤེས་མི་ མི་ངོམ་ཚུ་དང་ཅིག་ཁར་འབྲེལ་བ་འཐབ་སྟེ་གནས་ཚུལ་ཚུ་ བསྡུ་ལེན་འབད་ནི། དེ་མ་ཚད་ ཀི་དེབ་དང་ཡོངས་འབྲེལ་ཚུ་ལས་ གནས་ཚུལ་བསྡུ་ལེན་འབད་མི་ཅིག་ལུ་སླབ་ཨིན།
དྲི་ཇི་ཀྲཱལ་དུས་སྐབས་ཀྱི་ན་གཞོན་དང་ དྲི་ཇི་ཀྲཱལ་མེད་པའི་སྐབས་ཀྱི་མི་རིགས་ཟེར་མི་འདི་ག་ཅི་སྨོ?
དྲི་ཇི་ཀྲཱལ་དུས་སྐབས་ཀྱི་ན་གཞོན་ཟེར་མི་འདི་ དེང་སང་དུས་ཀྱི་འགྱུར་བ་དང་བསྟུན་པའི་ འཕྲུལ་རིགས་སྣ་ཚོགས་ཡོད་པའི་དུས་ཚོད་ལུ་ སྐྱེས་མི་ན་གཞོན་ཚུ་ལུ་སླབ་ཨིན། དཔེར་ན་ ཀམ་པིའུ་ཊ་དང་བརྒྱུད་འཕྲིན་ལ་སོགས་པ་ཡོད་པའི་དུས་ཚུད་ལུ། དེ་མ་ཚད་གནས་ཚུལ་ཚུ་ཡོང་འབྲེལ་གྱི་ཐོགས་ལས་མ་འདྲཝ་ཚུ་ཐོབ་ཚུགས། རིག་པའི་རྣམ་བཅོས་ཚུ་ཡར་རྒྱས་བཏང་ནི་ལུ་འཇམ། དྲི་ཇི་ཀྲཱལ་མེད་པའི་སྐབས་ཀྱི་མི་རིགས་ཟེར་མི་ དེང་སང་འཕྲུལ་རིགས་ཚུ་མེད་པའི་དུས་ཚོད་ཀྱི་ མི་ཚུ་ལུ་གོ་ནི་དང་ མི་དེ་ཚུ་ལུ་ འཕྲུལ་རིག་གི་ཤེས་ཡོན་ཉུངམ་སྦེ་འོངམ་ཨིན། དཔེར་ན་ རང་གི་ཕམ་རྒན་ཤོས་བཟུམ། གནགས་ཚུལ་ཚུ་མཉུང་སུ་ཅིག་ལས་བརྒལ་མི་འཐོབ་ནི་དང་རིག་པ་ཡར་འཕེལ་འགྱོ་ནི་ལུ་དཀའ་ངལ་འབྱུང་ནི་ཡོད།
དུས་རབས་༢༡པའི་རིག་རྩལ་༧ལས་༢གདམ་ཁ་རྐྱབ་སྟེ་ཡོད་པའི་བཤད་པ།
མཉམ་རུབ(collaboration)་་་་་་ལཱ་ག་ཅི་ར་འབད་རུང་རང་རྐྱངམ་ཅིག་སྦེ་མེན་པར་ མཉམ་རུབ་ཀྱིས་ཐོག་ལས་འབད་མི་ལུ་གོཝ་ཨིན
བརྡ་དོན་སྤྲོད་ལེན(communication)་་་་་་ཕན་ཚུན་མི་དང་མི་གིས་བར་ན་ བརྡ་དོན་སྤྲོད་ལེན་གྱི་ཐོག་ལས་ ལྷབ་སྦྱང་འབད་མི་ལུ་གོཝ་ཨིན།
Comments
Post a Comment